第四章 封建农奴封建农奴制社会后期的藏族文学(公元1645-1949年):སྤྱི་ཚོགས་དང་རྩོམ་རིག་གི་གནས་ཚུལ་མདོར་བསྡུས།ས་བཅད་འདིའི་ནང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བྱུང་ཚུལ་དང་། དགའ་ལྡན་ཕོ་བྲང་དུས་ཀྱི་སྤྱི་ཚོགས་ཀྱི་གནས་བབས།  དགའ་ལྡན་ཕོ་བྲང་གིས་སྲིད་དབང་སྐྱོང་ཚུལ་སོགས་མདོར་ཙམ་བཤད་ཡོད་ལ།  དེ་བཞིན་དུ་དགའ་ལྡན་ཕོ་བྲང་དུས་སུ་བོད་ཀྱི་རྩོམ་རིག་ཐད་འགྱུར་བ་ག་འདྲ་བྱུང་ཚུལ་དང་།  སྐབས་དེའི་རྩོམ་རིག་ཐད་ཀྱི་རྩོམ་པ་པོ་དང་བརྩམས་ཆོས་གྲགས་ཅན་ངོ་སྤྲོད་བྱས་ཡོད།4.1社会发展与文学概况:སྤྱི་ཚོགས་དང་རྩོམ་རིག་གི་གནས་ཚུལ་མདོར་བསྡུས། ས་བཅད་འདིའི་ནང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བྱུང་ཚུལ་དང་། དགའ་ལྡན་ཕོ་བྲང་དུས་ཀྱི་སྤྱི་ཚོགས་ཀྱི་གནས་བབས། དགའ་ལྡན་ཕོ་བྲང་གིས་སྲིད་དབང་སྐྱོང་ཚུལ་སོགས་མདོར་ཙམ་བཤད་ཡོད་ལ། དེ་བཞིན་དུ་དགའ་ལྡན་ཕོ་བྲང་དུས་སུ་བོད་ཀྱི་རྩོམ་རིག་ཐད་འགྱུར་བ་ག་འདྲ་བྱུང་ཚུལ་དང་། སྐབས་དེའི་རྩོམ་རིག་ཐད་ཀྱི་རྩོམ་པ་པོ་དང་བརྩམས་ཆོས་གྲགས་ཅན་ངོ་སྤྲོད་བྱས་ཡོད།
4.2史传文学:ས་བཅད་འདིའི་ནང་བོད་ཀྱི་ལོ་རྒྱུས་རྩོམ་རིག་གྲགས་ཅན་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་འདིའི་རྩོམ་པ་པོའི་སྐུ་ཚེའི་ལོ་རྒྱུས་རགས་རིམ་ཙམ་ངོ་སྤྲོད་བྱས་ཡོད་པ་མ་ཟད། ཆོས་སྲིད་གཉིས་ཀྱི་མཛད་རྗེས་གཙོ་བོ་གང་ཡིན་པ་དང་། སློབ་མ་གྲགས་ཅན་གང་བསྐྱངས་པ། བརྩམས་ཆོས་གྲགས་ཙན་གང་བྱུང་ཚུལ་སྟབས་བདེར་བཤད་ཡོད། ཁྱད་པར་དུ་ལོ་རྒྱུས་རྩོམ་རིག་འདི་ཁུངས་གཏུགས་སའི་དཔྱད་ཡིག་གང་ཡིན་ཚུལ་དང་། ནང་དོན་དང་སྒྱུ་རྩལ་ཐད་ཁྱད་ཆོས་གང་ཡོད་ཚུལ་སོགས་ངོ་སྤྲོད་སྟབས་བདེར་བྱས་ཡོད།
4.3诗镜注释及研究:ས་བཅད་འདིའི་ནང་མེ་ལོང་མའི་འགྲེལ་བ་གྲགས་ཅན་དབྱངས་ཅན་དགྱེས་གླུ་དང་། དབྱངས་ཅན་ངག་གི་རོལ་མཚོ་ངོ་སྤྲོད་མདོར་བསྡུས་བྱས་ཡོད་ལ། ལྔ་བ་ཆེན་མོས་རྩོམ་རིག་གི་དགེ་རྒན་སུ་འདྲ་བསྟན་ཚུལ་དང་། གཞུང་གང་གི་ཐོག་ནས་རྩོམ་རིག་སྦྱངས་ཚུལ། ཁོང་གི་སྙན་འགྲེལ་ལ་ཁྱད་ཆོས་གང་ཡོད་ཚུལ་སོགས་མདོར་བསྡུས་བཤད་ཡོད་པ་མ་ཟད། སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ་དང་དེའི་རྩོམ་པ་པོ་ཡི་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས་དང་། ཁོང་གི་རྩོམ་རིག་ཐད་ཀྱི་མཛད་རིམ་རགས་ཙམ་བཤད་ཡོད།
4.4作家诗:根敦群培(1903—1951)是现代藏族史上的佛门奇僧、学术大师、启蒙思想家、人文主义先驱和藏传佛教世俗化的先驱;是朴素的唯物主义者和爱国主义者,在藏族学术史上具有划时代的意义。他的一生短暂而坎坷,几乎涉猎了人文科学的各个领域,撰写的大量具有重要价值的学术著作。根敦群培还是二十世纪杰出的诗人和戏剧家。他的文学创作造诣深厚,尤其是传统格律诗,充满了深刻的思想和高超的艺术完美结合的特点。本章节通过根敦群培的诗歌赏析,展示了他诗歌中的磅礴之气和沉郁独立的精神。
4.5《勋努达美》:ས་བཅད་འདིའི་ནང་མདོ་མཁར་བས་བྲིས་པའི་བོད་ཀྱི་རྩོམ་སྒྲུང་རིང་མོ་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ངོ་སྤྲོད་བྱས་ཡོད་ལ། རྩོམ་པ་པོས་རྩོམ་རིག་གི་དགེ་རྒན་སུ་འདྲ་བསྟེན་ཚུལ་དང་། རྩོམ་སྒྲུང་གྲགས་ཅན་འདི་དུས་ནམ་ལ་ཡུལ་གང་དུ་རྩོམ་ཚུལ། བསམ་བློའི་ནང་དོན་གྱི་ཐད་བཞེད་ཚུལ་མི་འདྲ་བ་གང་ཡོད་ཚུལ་དང་། རྩོམ་སྒྲུང་འདིའི་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་ངོ་སྤྲོད་མདོར་བསྡུས་བྱས་ཡོད།
4.6《莲苑歌舞》:ས་བཅད་འདིའི་ནང་རབ་རྟོག་གི་སྒྲུང་རྩོམ་གཏམ་པདྨའི་ཚལ་གྱི་ཟློས་གར་དང་འདིའི་རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས་བྱས་ཡོད། ཐོག་མར་རྩོམ་པ་པོའི་མཛད་སྤྱོད་ཀྱི་སྐོར་དང་། དེ་ནས་ཁོང་གི་རིས་མེད་ཀྱི་ཐུགས་དགོངས། དེ་བཞིན་དུ་ཁོང་གི་གྲགས་རྩོམ་ཁག་དང་། དེ་ཚོ་ལ་སྒྱུ་རྩལ་གྱི་ཁྱད་ཆོས་ག་འདྲ་ཡོད་ཚུལ། ཁྱད་པར་དུ་སྒྲུང་རྩོམ་འདིའི་ནང་དོན་དང་བསྟན་དོན་གཙོ་བོ་གང་ཡིན་ཚུལ་སོགས་སྟབས་བདེར་བཤད་ཡོད།
[判断题]རིན་སྤུངས་པའི་སྲིད་དབང་འཕྲོག་ནས་དགའ་ལྡན་ཕོ་བྲང་བཙུགས། 


选项:[错, 对]
[判断题]སྙན་ངག་གི་སྲོག་ཅེས་པ་འདོད་མཁན་ནི་བོད་མཁས་དང་ཁམས་སྤྲུལ་སོགས་རེད། 


选项:[对, 错]
[判断题]དགའ་ལྡན་ཕོ་བྲང་གི་དུས་སུ་ཕོ་བྲང་པོ་ཊ་ལ་གསར་དུ་བཏབ།


选项:[对, 错]
[判断题]དུ་ཀཱུ་ལའི་གོས་བཟང་ཞེས་པ་འདི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རྟོགས་བརྗོད་རེད། 


选项:[错, 对]
[判断题]སྨོན་འགྲོ་ཡབ་སྲས་ནི་ལྔ་བ་ཆེན་པོའི་རྩོམ་རིག་གི་ཡོངས་འཛིན་རེད། 


选项:[错, 对]
[判断题]ཚངས་དབྱངས་རྒྱ་མཚོ་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་ཀུན་མཁྱེན་འཇམ་བཞེད་རེད། 


选项:[对, 错]
[判断题]རྡོ་རིང་པཎྜི་ཏའི་རྣམ་ཐར་ནི་རྡོ་རིང་བསྟན་འཛིན་དཔལ་འབྱོར་ཁོང་གི་རང་རྣམ་ཡིན།  


选项:[对, 错]
[判断题]དགེ་ལྡན་ལེགས་བཤད་དང་ཆུ་ཤིང་བསྟན་བཅོས་ནི་དགེ་ལུགས་པའི་རྩོམ་རིག་གྲགས་ཆེན་གཉིས་རེད།  


选项:[错, 对]
[判断题]རྒྱལ་དབང་ལྔ་བའི་འཁྲུངས་ཡུལ་མངའ་རིས་ཞང་ཞུང་གི་ཡུལ་རེད། 


选项:[对, 错]
[判断题]རྫ་ཙིག་གཏམ་རྒྱུད་ནི་རབ་རྟོག་རྩོམ་རིག་གི་ཁོངས་སུ་གཏོགས།  


选项:[错, 对]

温馨提示支付 ¥1.00 元后可查看付费内容,请先翻页预览!
点赞(0) dxwkbang
返回
顶部