第二章测试
1.

བོད་སིལ་བུའི་སྐབས་ཞེས་པ་ནི་སྤྱི་ལོ་ལ་གོ།


A:

༨༤༢-༡༠༢༧

B:

༨༤༠-༡༢༥༦

C:

༨༤༣-༡༢༥༢

D:

༨༤༣-༡༥༦༤


答案:C
2.

བོད་སིལ་བུའི་སྐབས་སུ་བྱུང་བའི་རྩོམ་པ་པོའི་བསྟན་བཅོས་ནི།


A:

གེ་སར་རྒྱལ་པོའི་སྒྲུང་།

B:

ས་སྐྱ་ལེགས་བཤད།

C:

མི་ཆོས་གནད་ཀྱི་ཕྲེང་བ།

D:

མི་ལ་རས་པའི་མགུར་མ།

3.

གཤམ་གསལ་ལས་བོད་སིལ་བུའི་སྐབས་སུ་བྱུང་བའི་ལོ་པཎ་ནི།


A:

སྦ་གསལ་སྣང་། 

B:

དགེ་འདུན་ཆོས་འཕེལ།

C:

འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།

D:

རིན་ཆེན་བཟང་པོ། 

4.

གླིང་གེ་སར་རྒྱལ་པོ་ནི་( )མི་སྣ་ཡིན།


A:

རྩོམ་རིག

B:

ལོ་རྒྱུས་རང་བཞིན་གྱི་རྩོམ་རིག

C:

ཆོས་ལུགས

D:

ལོ་རྒྱུས

5.

གེ་སར་སྒྲུང་གི་རྩོམ་པ་པོ་ནི།


A:

ས་པཎ། 

B:

ནོར་བུ་ཆོས་འཕེལ། 

C:

གེ་སར།

D:

དམངས་ཁྲོད་ཀྱི་སྒྲུང་མཁན། 

6.

གླིང་གེ་སར་རྒྱལ་པོའི་སྒྲུང་གི་བསམ་བློའི་ནང་དོན་ཅི་ཡིན།


A:

བདེན་དགེ་མཛེས་གསུམ་གྱི་རེ་སྙེག་མཚོན་པ།

B:

མིའི་རིན་ཐང་གི་ཤེས་རྟོགས་དང་ཁས་ལེན་མཚོན་པ།

C:

དམག་འཁྲུག་དང་འཐབ་འཛིང་ལ་དགའ་བ་མཚོན་པ།

D:

བོད་རིགས་མི་དམངས་ཀྱི་རེ་འདུན་དང་ཕུགས་བསམ་མཚོན་པ།

7.

གླིང་གེ་སར་རྒྱལ་པོའི་སྒྲུང་གི་རྩོམ་རིག་རིན་ཐང་སྐོར་ཡིན་པ་ནི།


A:

གཞུང་ཚད་ཀྱི་གྲངས་ཀ་འཛམ་གླིང་རྩོམ་རིག་བརྩམས་ཆོས་གཞན་ལས་རིང་དུ་བརྒལ་བ། 

B:

བཅད་ལྷུག་སྤེལ་མའི་རྣམ་པར་ལྟར་དུ་བཀོད་ཡོད་པས་ཀློག་ཉན་མཁན་རྣམས་ལ་སྤྲོ་བ་སྟེར་ཐུབ་པ།

C:

མི་རིགས་རིག་གནས་ཀྱི་ཉིང་བཅུད་མང་པོ་འདུས་པ་དག་གཟུགས་བརྙན་བཞིན་མཚོན་ཡོད་པ།

D:

སྒྲུང་གི་སྒྲིག་གཞིར་བརྐྱང་བསྐུམ་རང་བཞིན་ལྡན་པས་སྒྲུང་གསར་བྱུང་བར་སྟོང་ཆ་བསྐྲུན་ཡོད་པ། 

8.

ཧོར་གླིང་གཡུལ་འགྱེད་ནི། ( ) 


A:

འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ནང་གསེས་ཤིག་ཡིན།

B:

མ་སང་གི་སྒྲུང་གི་ནང་གསེས་ཤིག་ཡིན།

C:

རྟ་རྒྱུགས་རྒྱལ་འཇོག་གི་ནང་གསེས་ཤིག་ཡིན།

D:

རོ་སྒྲུང་གི་ནང་གསེས་ཤིག་ཡིན།

9.

གེ་སར་སྒྲུང་ལས་ཨ་ཁུ་ཁྲོ་ཐུང་ནི་མི་གང་འདྲ་ཞིག་ཡིན།


A:

རང་ཚུགས་མེད་པ། 

B:

གཞན་གྱི་གཡོ་འོག་ཏུ་ཚུད་སླ་བ། 

C:

སྡར་མ། 

D:

རང་གི་འདོད་པ་དང་ཁེ་གྲགས་ཀྱི་ཆེད་དུ་དགྲ་བོ་ལའང་གཉེན་དུ་འཛིན་པའི་མ་རབས་ཐ་ཤལ་གྱི་སྤྱོད་ཚུལ་དང་ལྡན་པ། 

10.

གླིང་གེ་སར་རྒྱལ་པོའི་སྒྲུང་ལས་བྱུང་བའི་ཕྱོགས་བཞིའི་དགྲ་བཞི་ནི་གང་དག་ཡིན།


A:

མོན། 

B:

བདུད།

C:

འཇང་།

D:

ཧོར། 

温馨提示支付 ¥3.00 元后可查看付费内容,请先翻页预览!
点赞(3) dxwkbang
返回
顶部